- 医院新闻
- 青海塔尔寺藏医院圆满完成第四届佐太炮制工作
༄༅།།མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་ཐེངས་བཞི་བའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་བཟོ།
རིན་ཆེན་རིལ་བུའི་རིགས་ཀྱི་སྦྱོར་བཟོའི་ཕྱག་ལེན་གྱི་ཟབ་སྦྱོང་འཛིན་གྲྭ་ལེགས་གྲུབ་བྱུང་།
青海塔尔寺藏医院第四届佐太炮制暨藏药佐太
八金八矿炮制及珍宝类药物制剂理论与实践技能培训班圆满结束
སྤྱི་ལོ་༢༠༢༡ལོའི་ཟླ༡༠བའི་ཚེས་༡༡ཉིན་མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་དང་། དགེ་རྒན་དམ་ཆོས་ཚུལ་ཁྲིམས་གཉིས་ཀྱིས་གཙོ་འགན་འོག་རང་སྨན་ཁང་གི་ལས་བཟོ་བ་ཡོངས་དང་། ཀན་སུའུ་སོགས་ཞིང་ལྗོངས་གཞན་ནས་ཕེབས་པའི་སྨན་པ་བཞི་བཅུ་ལྷག་ལ་མཁན་པོ་ཚེ་རྣམ་མཆོག་ནས་བརྒྱུད་པའི་དངུལ་ཆུ་བཙོ་བཀྲུ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་བཅས་ཀྱི་སྦྱོར་བཟོའི་གཞུང་ལུགས་དང་ཕྱག་ལེན་ཁྲིད་རྒྱུན་དང་བཅས་པའི་ཟབ་སྦྱོང་འཛིན་གྲྭ་ལེགས་གྲུབ་བྱུང་བའི་མཛད་སྒོ་སྤེལ།
为继承、宏扬藏医药学优良传统,进一步传承弘扬藏医药学文化,不断提升医师技能水平,让无病者健康生存,患病者摆脱病魔,使神奇藏医在时代进步的潮流中不断发展,促使藏医体系整体传承。2021年10月11日吉日,青海塔尔寺藏医院在院本部举办由贡却坚赞博士和旦曲次陈老师主持由塔尔寺藏医院职工以及来自四川、甘肃等省区的学员等近40人参加的“措如·次郎大师传承藏药佐太、八金八矿炮制及珍宝类药物制剂理论与实践技能培训”结业典礼。
ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ལས་ཀ་འདི་༢༠༢༡ལོའི་ཟླ་༣པ་ནས་གྲ་སྒྲིག་བྱས་པ་སྟེ། དེ་ཡང་དགོན་གཞུང་གི་དབུ་ཁྲིད་མཆོག་སྤྲུལ་ར་ཁོ་རིན་པོ་ཆེ་དང་། དབུ་ཁྲིད་གཞོན་པ་རྒྱལ་མཚན་མགོན་པོ། བསྟན་པ་ཡར་འཕེལ། བློ་བཟང་དཀོན་མཆོག་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར། ལྷག་པར་དུ་དགོན་པའི་སྨན་ཁང་གི་ཕྱག་འདེབས་པོ་བོད་སྨན་ཆེན་མོ་ཁོང་མཆོག་སྤྲུལ་བཀྲ་ཤིས་རིན་པོ་ཆེས་ཐུགས་བཀོད་དང། སྨན་ཁང་གི་དབུ་གཙོ་ངག་དབང་བསྟན་པའི་ཡང་དག་པས་འགོ་ཁྲིད་འོག སྨན་ཁང་གི་འདུལ་སྦྱོང་གླིང་བསྐྱར་བཟོ་བརྒྱབ་པ་དང་། སྨན་སྦྱོར་ཚན་ཁག་གིས་སྨན་རྫས་དང་མཁོ་ཆས་རིགས་གྲ་སྒྲིག་དང་ཆབས་ཅིག་སྨན་ཁང་གི་སྨན་པ་རྣམས་དང་ལས་བཟོ་བ་ཡོངས་ཀྱི་ལག་གདངས་མཉམ་སྦྲེལ་སྒོས་སྤྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ནས་བཙོ་ཐལ་སོགས་ཀྱི་ལས་འགོ་བཟུང་ཞིང་། ཟླ་བ་གཉིས་ཀྱི་ཡུན་ལ་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་མཛུབ་སྟོན་དང་། དགེ་རྒན་དམ་ཆོས་ཚུལ་ཁྲིམས་དང་སྨན་པ་ལས་བཟོ་བ་ཡོངས་ཀྱིས་འབད་བརྩོན་དང་རྒྱབ་སྐྱོར་འོག་ད་གཟོད་ཐེངས་འདིའི་རིན་ཆེན་བཙོ་ཐལ་དང་རིན་ཆེན་སྦྱོར་བཟོའི་ཟབ་སྦྱོང་གི་ལས་ཀ་ཡོངས་བདེ་ལེགས་ངང་གྲུབ་པ་ཡིན།
本次佐太炮制及技能培训工作自2021年3月份筹集,在塔尔寺寺管会主任拉科仁波切,副主任尖参公保、旦巴言排和罗藏官却等的大力支持和塔尔寺藏医院奠基人著名藏医大师第四世扎西仁波切的亲自指导和啊旺丹巴院长的正确领导下,根据佐太炮制需要,整合资源,重新修建了塔尔寺藏医院佐太炮制室,并在全院医生、职工们的积极配合和辛勤付出下,于2021年8月20日正式启动,历经2个月之久,通过贡却坚赞博士的精心指导、旦曲次陈老师的倾力付出和全院职工的大力支持下,现已圆满完成了佐太炮制、章觉等珍宝类药物制剂炮制及技能培训工作。
塔尔寺管委会领导实地视察佐太炮制工作开展情况
དེ་ཡང་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་རང་གི་དགེ་རྒན་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གི་དངོས་བརྒྱུད་ཕྱག་ལེན་ཇི་བཞིན་སློབ་མ་རྣམས་ལ་གཞན་ཕན་ལྷག་བསམ་ངང་དཔེ་ཁྱུད་ཇི་ཡང་མེད་པར་《བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་བཟོ་བཅས་ཀྱི་ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་ནད་མེད་ཅིང་ཚེ་རིང་བ་ཨ་རུ་རྣམ་པར་རྒྱལ་བའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ》ཞེས་པའི་དཔེ་ཆ་ཞིག་རྩོམ་བསྒྲིགས་གནང་བ་དང་དེའི་ཐོག་ཏུ་སློབ་མ་རྣམས་ལ་གཞུང་ལུགས་སློབ་ཁྲིད་ཞིབ་རྒྱས་གནང་བ་དང་། ལྕགས་ཁམས་ཐལ་སྲེག་གི་ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་བ་སོ་སོར་བཟོ་བའི་ལག་ལེན་དང་། དངུལ་ཆུའི་གཡའ་ཕྱི་དུག་འདོན། ལྕི་འབིགས་བཙོ་བཀྲུས་འདུལ་བ། དགྲ་སྤྲད་རང་གཟུགས་བསྒྱུར་བ་བཅས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན། རིན་ཆེན་རིལ་བུའི་རིགས་ལ་རིན་ཆེན་རིལ་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། རིན་ཆེན་མང་སྦྱོར་ཆེན་མོ། གཡུ་རྙིང་ཉེར་ལྔ།དེའུ་དམར་བའི་རིན་ཆེན་བྱུར་དམར་ཉེར་ལྔ། དབང་རིལ་ཉེར་ལྔ། ཟུར་ལུགས་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་བཅས་ཀྱི་སྨན་འདུལ་སྦྱོང་གི་ལག་ལེན་ཕྲ་ཞིང་ཕྲ་བ་རྣམས་བརྒྱུད་ལྡན་བླ་མ་དམ་པ་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གིས་ཕྱག་ལེན་གནང་མྱོང་བ་ཇི་བཞིན་ནན་ཏན་གྱིས་ལག་ལེན་དུ་ཐེབས་པར་བགྱིས་ཤིང་འདིའི་བརྒྱུད་པ་ཕྱི་རབས་སྨན་པ་རྣམས་ལ་སྤེལ།
ཐེངས་འདིར་ལས་ཀའི་འགོ་མཇུག་བར་གསུམ་གང་དུའང་ཁོང་བཀྲ་ཤིས་མཆོག་སྤྲུལ་རིན་པོ་ཆེ་ནས་བསྒྲིགས་པའི་འདོན་ཆོག་བཞིན་བླ་མ་ཡི་དམ་ཆོས་སྲུང་བཅས་ལ་གཏད་གཉེར་དང་མཆོད་གསོལ། བླ་མའི་བརྒྱུད་བསང་། བགེགས་བསྐྲད། ཁྲུས་གསོལ། སྨན་བྱིན་བརླབས། ཉིན་རེའི་ཞོགས་ཚོགས་སུ་སྐྱབས་འགྲོ་ལྟུང་བཤགས། བླ་མའི་རྣལ་འབྱོར། སྨན་བླའི་ཆོ་གའི་གཟུངས་བཟླས་མཚམས་སུ་མཚན་སྔགས་བཟླས་ཞོར་དུ་ལས་འགོ་བཟུང་བ་ནས་དགོང་ཚོགས་བར་དང་། དགོང་ཚོགས་སུ་ཆོ་གའི་མཇུག་བསྡུས་པ་དང་། དཔལ་ལྡན་རྩ་བའི་རྒྱུད་ཆགས་མེད། སྨན་རྩིས་བསྟན་རྒྱས་དང་། དགེ་ལྡན་བསྟན་རྒྱས་སོགས་རྗེ་སྐུ་འབུམ་དགོན་པའི་ཕྱག་ལེན་བཞིན་ནོ།།
གཞན་ལྕགས་ཁམས་ཐལ་སྲེག་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་རིལ་བུའི་རིགས་ཀྱི་སྦྱོར་བཟོ་ཚང་མ་རྟགས་དང་མཚན་མ་གཞུང་ན་ཇི་བཞིན་གསུང་བ་ལྟར་ལེགས་གྲུབ་བྱུང་ཡོད།
མདོར་ན་ངེད་སྨན་ཁང་གིས་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་བོད་ཀྱི་གསོ་བ་རིག་པ་འདི་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ཁྱོན་ཡོངས་ནས་དུས་རབས་ཀྱི་རྗེས་ཆོད་པའི་ཆེད་དུ་བཙོ་ཐལ་གྱི་གདམས་པའི་རྒྱུན་འཛིན་གྱི་འཛིན་གྲྭ་འདི་བསྒྲུབ་པ་ནི་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རྒྱུན་འཛིན་དང་དར་སྤེལ། སྨན་པའི་ལག་རྩལ་མཐོར་འདེགས་དང་གཞུང་ལུགས་ཆུ་ཚད་མཐོ་རུ་གཏོང་བ། ནད་མེད་ཀྱི་བཅུད་ལེན་དང་ནད་ཅན་གྱི་གསོས་སུ་དམིགས་པ་འབའ་ཞིག་ལགས་སོ།།
在活动期间,贡却坚赞教授将自己恩师措如·次郎对于佐太炮制的系统性传承进行整理,编著完成《甘露精华之王佐太、铁粉和珍宝丸炮制配伍·殊胜诃子》一书,并以此为教材和规范,遵照大师的传承和旦曲次陈老师一同将八金八矿的炮制技艺,水银祛锈、祛垢、洗炼和配对的炮制技艺,以及对仁青常觉、然纳桑培、仁青芒觉、二十五味绿松石丸、二十五味马宝丸、二十五味珊瑚丸和坐珠达西等七种珍宝类药物的炮制和配伍技艺完整性地传授给学员们。
佐太制作是一项庞大而繁杂的藏药炮制工程,从准备环节就要花费很长时间。参与此次活动的老师和学员们,通过2个月的努力,不畏艰辛,跋山涉水积极准备炮制活动所需的药物辅料,甚至亲自前往目的地去采购炮制工具,为活动的顺利开展奠定了坚实的基础。
炮制工作启动以来,从早晨念诵药师佛相关仪轨开始,配药、炮制、防护、记录、鉴定等各项工作都安排得井然有序,最后在《四部医典》根本续和相关仪轨的念诵中结束一天的工作。活动从始至终,各项仪轨从未间断和遗漏,均得以如实呈现。
佐太炮制技艺流程
在全体师生的共同努力下,佐太、八金八矿和珍宝类药物的炮制配伍均按照标准制作完成且符合藏医药炮制的传统质量验收标准,成果喜人。贡却坚赞教授和旦曲次陈老师将炮制完成的佐太和珍宝丸作为礼物赠予学员,并将传习证书授予大家,祝贺大家能够圆满完成佐太、八金八矿和珍宝类药物的炮制配伍技艺传承培训,为此次活动画上了一个完美的句号。
我院圆满完成本次佐太炮制及技能培训工作,是藏医药发展史上的一件大喜事,它必将为民族医疗事业注入新的生命与活力,也为推进民族医药学的发展,确保众生得身心健康,产生积极而深远的影响。我们相信,我院将凭借藏医药独特的药理和药效、精湛的医术、高尚的医德和雄厚的实力,必将为芸芸众生提供良好的民族医疗服务。
སེམས་ཅན་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག།
འགྲོ་བའི་ནད་རྣམས་མ་ལུས་པ།། རྟག་ཏུ་འབྱུང་བ་མེད་པར་ཤོག།
“愿一切有情众生离苦得乐”,是我们藏医发展的不懈追求,更是传承民族文化精髓,构建和谐社会的重要内容。让我们继续一如既往地发扬佛教“慈悲利他”精神,为世界的和平、人类的安康、民族的团结做出不懈的努力!
文中部分素材来自网络版权归原作者所有
图文、编辑:李海明
青海塔尔寺藏医院
2021年10月19日